91518
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་བསྟན་པའི་མདོ་ལས་བྱུང་བ་སྟེ། ༡ རབ་ཏུ་ཕྲ་བའི་རྡུལ་གཅིག་ལ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་སངས་རྒྱས་འབྱུང་བ་སྟོན་པ་རྣམ་པར་ཐར་པ། ༢ རབ་ཏུ་ཕྲ་བའི་རྡུལ་གཅིག་ལ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་ཆོས་ཀྱི་འཁོར་ལོ་སྐོར་བ་སྟོན་པ་རྣམ་པར་ཐར་པ། ༣ རབ་ཏུ་ཕྲ་བའི་རྡུལ་གཅིག་ལ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་སེམས་ཅན་འདུལ་ཞིང་ཡོངས་སུ་སྨིན་པར་མཛད་པ་སྟོན་པ་རྣམ་པར་ཐར་པ། ༤ རབ་ཏུ་ཕྲ་བའི་རྡུལ་གཅིག་ལ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་ཞིང་སྟོན་པ་རྣམ་པར་ཐར་པ། ༥ རབ་ཏུ་ཕྲ་བའི་རྡུལ་གཅིག་ལ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་འབྱུང་བར་སྟོན་པ་རྣམ་པར་ཐར་པ། ༦ རབ་ཏུ་ཕྲ་བའི་རྡུལ་གཅིག་ལ་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་ཞིང་བརྗེ་བ་རྣམ་པར་ཐར་པ། ༧ རབ་ཏུ་ཕྲ་བའི་རྡུལ་གཅིག་ལ་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྫུ་འཕྲུལ་སྟོན་པ་རྣམ་པར་ཐར་པ། ༨ རབ་ཏུ་ཕྲ་བའི་རྡུལ་གཅིག་ལ་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་སྤྲུལ་པ་སྟོན་པ་རྣམ་པར་ཐར་པ། ༩ རབ་ཏུ་ཕྲ་བའི་རྡུལ་གཅིག་ལ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སེམས་ཅན་རྣམས་ལ་ཆོས་སྟོན་པ་རྣམ་པར་ཐར་པ། ༡༠ རབ་ཏུ་ཕྲ་བའི་རྡུལ་གཅིག་ལ་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་མཚན་སྟོན་པ་རྣམ་པར་ཐར་པའོ། ། |
| Domain | ཆོས་ལུགས། |