91520

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སངས་རྒྱས་ཀྱི་ས་བཅུ་གཉིས་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། སངས་རྒྱས་ཀྱི་ས་བཅུ་གཉིས་ནི། ཀུན་ཏུ་འོད་དང་། བདུད་རྩི་འོད་དང་། ནམ་མཁའ་འོད་དང་། རྡོ་རྗེའི་འོད་དང་། རིན་ཆེན་འོད་དང་། པདྨའི་འོད་དང་། ལས་ཀྱི་འོད་དང་། དཔེ་མེད་དང་། དཔེ་དོན་དང་། ཤེས་རབ་འོད་དང་། ཐམས་ཅད་མཁྱེན་པ་དང་། སོ་སོར་རང་རིག་པ་བཅས་བཅུ་གཉིས་སྟེ། མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་མཚན་དོན་གསལ་བར་བྱེད་པའི་སྒྲོན་མེ་ལས། དེ་ཡང་འདི་སྐད་དུ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ཀུན་ཏུ་འོད་ཀྱི་ས་ཆེན་པོ། །དེ་ནི་ཉི་མའི་དཀྱིལ་འཁོར་འདྲ། །བདུད་རྩི་འོད་ནི་གཉིས་པ་སྟེ། །ཤིན་ཏུ་འོད་གསལ་ཟླ་བ་འདྲ། །ནམ་མཁའ་འོད་ནི་གསུམ་པ་སྟེ། །ནམ་མཁའ་ཇི་བཞིན་རབ་ཏུ་གནས། །རྡོ་རྗེའི་འོད་ནི་བཞི་པ་སྟེ། །ས་དེ་ཉིད་ནི་ཡིད་དགའ་བའོ། །ལྔ་པ་རིན་ཆེན་འོད་ཅེས་པ། །དབང་བསྐུར་བ་ལ་རབ་ཏུ་གནས། །པདྨའི་འོད་ནི་དྲུག་པ་སྟེ། །པདྨ་བཞིན་དུ་རབ་ཏུ་ཕྱེས། །བདུན་པ་ལས་ཀྱི་འོད་ཅེས་བྱ། །སངས་རྒྱས་ཕྲིན་ལས་བྱེད་པར་འདོད། །བརྒྱད་པ་དཔེ་མེད་ཅེས་པ་སྟེ། །དོན་ལ་དཔེ་དང་མཉམ་པ་ཡིན། །དཔེ་དོན་ཞེས་པ་དགུ་པ་ཡིན། །ཐམས་ཅད་དཔེ་ནི་སོ་སོར་འབིགས། །བཅུ་པ་ཤེས་རབ་འོད་ཅེས་པ། །སངས་རྒྱས་ས་ནི་བླ་ན་མེད། །བཅུ་གཅིག་ཐམས་ཅད་མཁྱེན་པ་ཉིད། །ས་ཆེན་རབ་ཏུ་འོད་གསལ་བ། །བཅུ་གཉིས་སོ་སོར་རང་རིག་པ། །སངས་རྒྱས་ཡེ་ཤེས་རབ་ཏུ་རྫོགས། །ཞེས་འབྱུང་བས་གསལ་ལོ། །ཞེས་གསུངས།
Domain ཆོས་ལུགས།
སངས་རྒྱས་ཀྱི་ས་བཅུ་གཉིས་ (2)
Part of speech མིང་ཚིག
Definition སངས་རྒྱས་ཀྱི་ས་བཅུ་གཉིས་ནི། དཀོན་ཅོག་འགྲེལ་ལས། འདི་ལྟར་རྡོ་རྗེ་སྙིང་པོ་རྒྱན་གྱི་ས་རྒྱུད་ལས། སངས་ཀྱི་ས་བཅུ་གཉིས་གསུངས་པ་ཡང་རིགས་ལྔ་དང་ཡེ་ཤེས་ལྔ་དང་། ཐབས་དང་ཤེས་རབ་ཀྱི་བདག་ཉིད་དུ་གསུངས་པ་ལྟ་བུའོ། །ཞེས་གསུངས་སོ། །