91526

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སངས་རྒྱས་ཀྱི་སའི་སྣང་བ་ (1)
Part of speech མིང་ཚིག
Definition མདོ། དབུ་མ། སྐྱེ་འགག་ལ་སོགས་པ་གདུལ་བྱ་ལ་བསྟན་པའི་ཡ་གྱལ་གྱི་ཀུན་རྫོབ་བདེན་པའི་སྣང་བ་མེད་ཀྱང་དབྱིངས་རིག་དབྱེར་མེད་ཀྱི་དོན་དམ་པ་སྣང་བའི་སྣང་བ་ཡོད་དགོས་ཏེ། གཞན་དུ་ཆོས་དབྱིངས་གོམས་པ་མཐར་ཐུག་པའི་ཚེ་ཆོས་དབྱིངས་མི་སྣང་ན། ཆོས་དབྱིངས་སྣང་བའི་ཡེ་ཤེས་མཐར་ཐུག་མེད་པར་ཐལ་བའི་ཕྱིར་རོ། །དེར་མ་ཟད་མཚན་དང་དཔེ་བྱད་ལ་སོགས་པ་གཟུགས་སྐུ་སྣང་བའང་ཡོད་དེ། རྒྱུ་བླར། རང་བྱུང་རྣམས་ཀྱི་ཐམས་ཅད་མཁྱེན། །སངས་རྒྱས་ཉིད་ཅེས་གང་བརྗོད་པ། །མཆོག་ཏུ་མྱ་ངན་འདས་བསམ་མེད། །དགྲ་བཅོམ་སོ་སོའི་བདག་གྱུར་པ། །དེ་དབྱེ་ཟབ་དང་རྒྱ་ཆེ་དང་། །བདག་ཉིད་ཆེན་པོའི་ཡོན་ཏན་གྱི། །ཞེས་སྐུ་གསུམ་ཆར་རྫོགས་པའི་སངས་རྒྱས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ་ཡིན་པར་གསུངས་ལ། གདུལ་བྱ་ལ་དངོས་སུ་སྣང་བའི་གཟུགས་སྐུ་གཉིས་ནི་སོ་སོ་རང་གིས་རིག་པར་བྱ་བ་མི་རུང་བའི་ཕྱིར་རོ། །དེ་ལྟར་ནའང་གཉིས་སྣང་དང་བཅས་པའི་སྣང་བ་མེད་དེ། འཁྲུལ་པའི་བག་ཆགས་མ་ལུས་པར་སྤངས་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་གོ་རམས་པའི་དབུ་མའི་སྤྱི་དོན་ལས་གསུངས་སོ། །
Domain ཆོས་ལུགས།