91529

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སངས་རྒྱས་ཀྱི་སྐུའི་སྟོབས་ (1)
Part of speech མིང་ཚིག
Definition དེ་བཞིན་གཤེགས་པའི་སྐུའི་སྟོབས་ཏེ། སྲེད་མེད་བུའི་སྟོབས་མངའ་བའོ། །དེ་ཡང་གླང་པོ་ཆེ་ཕལ་པ་བཅུའི་སྟོབས་གང་ཡིན་པ་དེ་ནི་སྤོས་ཀྱི་གླང་པོ་ཆེ་གཅིག་གི་སྟོབས་ཡིན་ནོ། །དེ་བཞིན་དུ་ཚན་པོ་ཆེ་ཆེན་པོ། རབ་གནོན། ཡན་ལག་མཆོག། སྟོབས་མཆོག། སྲེད་མེད་ཀྱི་བུ་བདུན། སྔ་མ་སྔ་མ་ལས་བཅུས་ལྷག་པའི་སྟོབས་ཡིན་ནོ། །འགའ་ཞིག་ན་རེ། དེ་ནི་ཕྱེད་དེ། སྟོབས་མཆོག་བཅུའི་སྟོབས་གཉིས་སྲེད་མེད་ཀྱི་བུའི་སྟོབས་ཡིན་ཟེར་རོ། །ཡང་གཞན་དག་ན་རེ། སངས་རྒྱས་ཀྱི་སྐུའི་སྟོབས་ཀྱི་ཚིགས་དང་ཚིགས་ན་སྲེད་མེད་བུའི་སྟོབས་མངའ་བའོ་ཞེས་ཟེར་རོ། །བཙུན་པ་ན་རེ། སྐུའི་སྟོབས་ཀྱང་ཐུགས་ཀྱི་སྟོབས་བཞིན་དུ་མཐའ་ཡས་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་མཁྱེན་པའི་སྟོབས་མཐའ་ཡས་བཟོད་པར་མི་འགྱུར་རོ་ཞེས་ཟེར་རོ། །སངས་རྒྱས་དང་རང་སངས་རྒྱས་དང་འཁོར་ལོས་སྒྱུར་བ་རྣམས་ཀྱི་ཚིགས་ཀྱི་མདུད་པ་དང་། ལུ་གུ་བརྒྱུད་དང་། གཟར་བུས་བཏབ་པ་ལྟ་བུ་དག་ཡིན་ནོ་ཞེས་ཟེར་རོ། །
Domain ཆོས་ལུགས།