91532
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འདུལ་བ་གཞི་ལས་བྱུང་བ་སྟེ། ༡ མི་བཅུའི་སྟོབས་གང་ཡིན་པ་དེ་ནི། གླང་ཕལ་པ་གཅིག་གི་སྟོབས་ཡིན་ནོ། །༢ གླང་ཕལ་པ་བཅུའི་སྟོབས་གང་ཡིན་པ་དེ་ནི། བ་མེན་སྔོན་པོ་གཅིག་གི་སྟོབས་ཡིན་ནོ། །༣ བ་མེན་སྔོན་པོ་བཅུའི་སྟོབས་གང་ཡིན་པ་དེ་ནི། གླང་པོ་ཆེ་ཕྲུ་གུ་གཅིག་གི་སྟོབས་ཡིན་ནོ། །༤ གླང་པོ་ཆེ་ཕྲུ་གུ་བཅུའི་སྟོབས་གང་ཡིན་པ་དེ་ནི། གླང་པོ་ཆེ་མོ་གཅིག་གི་སྟོབས་ཡིན་ནོ། །༥ གླང་མོ་ཆེ་བཅུའི་སྟོབས་གང་ཡིན་པ་དེ་ནི། གླང་པོ་ཆེ་ཕལ་གཅིག་གི་སྟོབས་ཡིན་ནོ། །༦ གླང་པོ་ཆེ་ཕལ་བཅུའི་སྟོབས་གང་ཡིན་པ་དེ་ནི། གླང་པོ་ཆེ་མཆེ་བ་མེད་པ་གཅིག་གི་སྟོབས་ཡིན་ནོ། །༧ གླང་པོ་ཆེ་མཆེ་བ་མེད་བཅུའི་སྟོབས་གང་ཡིན་པ་དེ་ནི། སྔོན་པོ་གཅིག་གི་སྟོབས་ཡིན་ནོ། །༨ སྔོན་པོ་བཅུའི་སྟོབས་གང་ཡིན་པ་དེ་ནི། སེར་པོ་གཅིག་གི་སྟོབས་ཡིན་ནོ། །༩ སེར་པོ་བཅུའི་སྟོབས་གང་ཡིན་པ་དེ་ནི། དམར་པོ་གཅིག་གི་སྟོབས་ཡིན་ནོ། །༡༠ དམར་པོ་བཅུའི་སྟོབས་གང་ཡིན་པ་དེ་ནི། དཀར་པོ་གཅིག་གི་སྟོབས་ཡིན་ནོ། །༡༡ དཀར་པོ་བཅུའི་སྟོབས་གང་ཡིན་པ་དེ་ནི། འབིགས་བྱེད་ཀྱི་གླང་པོ་གཅིག་གི་སྟོབས་ཡིན་ནོ། །༡༢ འབིགས་བྱེད་ཀྱི་གླང་པོ་བཅུའི་སྟོབས་གང་ཡིན་པ་དེ་ནི། སྤོས་ཀྱི་གླང་པོ་ཆེ་གཅིག་གི་སྟོབས་ཡིན་ནོ། །༡༣ སྤོས་ཀྱི་གླང་པོ་ཆེ་བཅུའི་སྟོབས་གང་ཡིན་པ་དེ་ནི། ཚན་པོ་གཅིག་གི་སྟོབས་ཡིན་ནོ། །༡༤ ཚན་པོ་ཆེ་བཅུའི་སྟོབས་གང་ཡིན་པ་དེ་ནི། ཚན་པོ་ཆེ་ཆེན་པོ་གཅིག་གི་སྟོབས་ཡིན་ནོ། །༡༥ ཚན་པོ་ཆེ་ཆེན་པོ་བཅུའི་སྟོབས་གང་ཡིན་པ་དེ་ནི། རབ་གནོན་གཅིག་གི་སྟོབས་ཡིན་ནོ། །༡༦ རབ་གནོན་བཅུའི་སྟོབས་གང་ཡིན་པ་དེ་ནི། སྟོབས་མཆོག་གཅིག་གི་སྟོབས་ཡིན་ནོ། །༡༧ སྟོབས་མཆོག་བཅུའི་སྟོབས་གང་ཡིན་པ་དེ་ནི། སྲེད་མེད་བུའི་སྟོབས་ཕྱེད་དོ། །༡༨ སྲེད་མེད་བུའི་སྟོབས་ཕྱེད་གཉིས་གང་ཡིན་པ་དེ་ནི། སྲེད་མེད་བུའི་སྟོབས་ཡིན་ཏེ། དེ་དེ་བཞིན་གཤེགས་པའི་ཚིགས་དང་ཚིགས་ཕྲན་དག་ན་ཡོད་པས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། སྲེད་མེད་བུའི་སྟོབས་ཀྱི་ཚིགས་ཅན་ཡིན་ནོ། ། |
| Domain | ཆོས་ལུགས། |