From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སངས་རྒྱས་ཀྱི་སྤྱན་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཕར་ཕྱིན། ཆོས་ཐམས་ཅད་མངོན་སུམ་དུ་རྟོགས་པ་མཐར་ཕྱིན་པའི་ཡེ་ཤེས་ཞིག་ལ་ཟེར། མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། བདེན་གཉིས་དུས་ཅིག་ཆར་དུ་མངོན་སུམ་དུ་རྟོགས་པ་མཐར་ཐུག་པའི་ཡེ་ཤེས་སངས་རྒྱས་ཀྱི་སྤྱན་གྱི་མཚན་ཉིད་ཡིན་པའི་ཕྱིར། ས་མཚམས་སངས་རྒྱས་ཀྱི་ས་ཁོ་ན་ལ་ཡོད། བྱེད་ལས་ནི། རྗེས་མཐུན་པ་ཙམ་ཐོབ་ཀྱང་ཤེས་བྱ་ཇི་སྙེད་པ་ཕལ་ཆེར་ཤེས་ནས་སྒྲུབ་པ་ལ་ནང་ནས་བསྐུལ་ཞིང་གཞན་གྱི་དྲིང་མི་འཇོག་པར་རང་དབང་དུ་སྒྲུབ་པ་ལ་འཇུག་པར་འགྱུར་བའི་བྱེད་ལས་དང་ལྡན་པའི་ཕྱིར།
|
| Domain
|
ཆོས་ལུགས།
|
སངས་རྒྱས་ཀྱི་སྤྱན་ (2)
| Part of speech
|
མིང་ཚིག
|
| Definition
|
མཚན་ཉིད་ནི། བདག་རྐྱེན་ཕར་ཕྱིན་ལ་བརྟེན་ནས་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཡུལ་ཅན་ནོ། །མཚན་ཉིད་པ་སངས་རྒྱས་ཀྱི་ས་ན། རྗེས་མཐུན་པ་ས་དང་པོ་ནས་ཡོད་དོ། །ཞེས་གཡག་སྟོན་གྱི་རྒྱན་འགྲེལ་རིན་དབང་རྒྱལ་པོ་ལས་སོ། ། རེད་མདའ་བས། སངས་རྒྱས་ཀྱི་སྤྱན་ནི། ཆོས་ཐམས་ཅད་དུས་ཀྱི་རྣམ་པར་ཐམས་ཅད་དུ་མངོན་པར་ཏེ་མངོན་སུམ་དུ་རྫོགས་པར་ཏེ་མ་ལུས་པར་བྱང་ཆུབ་པའི་ཡུལ་ཅན་ཡིན་ཏེ། ཇི་སྐད་དུ། བྱང་ཆེན་བྱང་ཆུབ་ཀྱི་སེམས་ཀྱི་རྗེས་སུ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས། སེམས་ཀྱི་སྐད་ཅིག་མ་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་གང་ཡིན་པ་ཞེས་རྣམ་བཤད་ཉི་མའི་འོད་ཟེར་ལས་གསུངས་སོ། ། ཀུན་མཁྱེན་གོ་རམས་པས། མཚན་ཉིད་ནི། ཕྱིན་དྲུག་ལ་བརྟེན་ནས་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཡུལ་ཅན་ནོ། །རྗེས་མཐུན་པ་ས་བདུན་པ་ན་ཡོད་ཅིང། མཚན་ཉིད་པ་སངས་རྒྱས་ཀྱི་ས་ཁོ་ནར་ཡོད་དོ། །ཞེས་སྦས་དོན་རབ་གསལ་ལས་གསུངས་སོ། །
|
སངས་རྒྱས་ཀྱི་སྤྱན་ (3)
| Part of speech
|
མིང་ཚིག
|
| Definition
|
སྤྱན་ལྔ་པོ་གང་རུང་ཡང་ཡིན། བདེན་གཉིས་ཀྱིས་བསྡུས་པའི་ཤེས་བྱ་ཐམས་ཅད་ཅིག་ཅར་དུ་མངོན་སུམ་གྱིས་རྟོགས་པ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་མཁྱེན་པར་དམིགས་པ། ས་མཚམས་ནི། རྗེས་མཐུན་པ་ས་བརྒྱད་པ་ནས་ཐོབ་ཅིང། དངོས་གནས་པ་སངས་རྒྱས་ཀྱི་ས་ཁོ་ན་ན་ཡོད།
|
སངས་རྒྱས་ཀྱི་སྤྱན་ (4)
| Part of speech
|
མིང་ཚིག
|
| Definition
|
རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ལ་བརྟེན་ནས་བྱུང་བའི་ཆོས་ཐམས་ཅད་གཅིག་ཅར་དུ་མངོན་སུམ་དུ་རྟོགས་པ་མཐར་ཕྱིན་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པའི་འཕགས་རྒྱུད་ཀྱི་མཁྱེན་པ་དེ། སངས་རྒྱས་ཀྱི་སྤྱན་གྱི་མཚན་ཉིད་ཡིན། སངས་རྒྱས་ཀྱི་སྤྱན་ཡིན་ན་སྤྱན་ཕྱི་མ་བཞི་ཀ་ཡིན་པས་ཁྱབ། སངས་རྒྱས་ཀྱི་སྤྱན་རྗེས་མཐུན་པ་ནི། ས་བརྒྱད་པ་ནས་ཡོད། སངས་རྒྱས་ཀྱི་སྤྱན་དངོས་ནི། སངས་རྒྱས་ཀྱི་ས་ཁོ་ན་ན་ཡོད།
|