91536

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སངས་རྒྱས་ཀྱི་སྤྱན་བཅུ་ (1)
Part of speech མིང་ཚིག
Definition འཕགས་པ་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་བསྟན་པའི་མདོ་ལས་བྱུང་བ་སྟེ། ༡ གང་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་ཅིང་མངོན་པར་བྱུང་བའི་སྤྱན། ༢ གང་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་ཐམས་ཅད་མི་མཁྱེན་པ་མི་མངའ་བའི་སྤྱན། ༣ གང་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཐམས་ཅད་ལ་ཐུགས་རྗེ་ཆེ་བའི་སྤྱན། ༤ གང་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཚད་མེད་པའི་སྟོབས་བཅུ་ཐམས་ཅད་དང་ལྡན་པའི་སྤྱན། ༥ གང་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྤྱན། ༦ གང་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་སེམས་ཅན་ཐམས་ཅད་འདུལ་བར་ཞུགས་པའི་སྤྱན། ༧ གང་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་འགྲོ་བ་ཐམས་ཅད་མངོན་དུ་རྫོགས་པར་སངས་རྒྱས་པར་མཛད་པའི་སྤྱན། ༨ གང་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་པས་འདུལ་བའི་སེམས་ཅན་ལ་འདུལ་བའི་སྤྱན། ༩ གང་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་གཉིས་སུ་མེད་པར་སྤྱོད་པའི་ཆོས་ཀྱི་མཚན་ཉིད་ལ་དབང་བའི་སྤྱན། ༡༠ གང་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཇི་ལྟར་སེམས་ཅན་བཏུལ་ཏེ་སྨིན་པར་མཛད་ནས། སངས་རྒྱས་ཀྱི་ཡུལ་གྱི་མཐའི་ཕྱིར་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདའ་བར་སྟོན་པའོ། །
Domain ཆོས་ལུགས།