91538

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སངས་རྒྱས་ཀྱི་སྤྱན་སྔར་པདྨ་ལ་བརྫུས་ཏེ་སྐྱེ་བར་འགྱུར་བའི་ཆོས་བརྒྱད་ (1)
Part of speech མིང་ཚིག
Definition དཀོན་བརྩེགས་བུ་མོ་རྣམ་དག་དད་པས་ཞུས་པའི་ལེའུ་ལས་བྱུང་བ་སྟེ། སྲོག་ལ་བབ་པར་གྱུར་ཀྱང་གཞན་གྱི་ཉེས་པ་མི་བརྗོད་པ། སེམས་ཅན་རྣམས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བསྐུལ་བ། ཐམས་ཅད་བྱང་ཆུབ་ཀྱི་སེམས་ལ་འགོད་པ། ཚངས་པར་སྤྱོད་པ་ལ་གོས་པ་མེད་པ། དེ་བཞིན་གཤེགས་པའི་སྐུ་གཟུགས་དག་བྱས་ནས་པདྨོའི་གདན་ལ་འཇོག་པ། སེམས་ཅན་མྱ་ངན་བྱེད་པ་དག་གི་མྱ་ངན་སེལ་བ། ཁེངས་ཤིང་ང་རྒྱལ་བྱེད་པ་དག་གི་མདུན་དུ་རྟག་པར་བདག་ཉིད་དམན་པར་བྱེད་པ། གཞན་ལ་འཚེ་བར་མི་བྱེད་པའོ། །
Domain ཆོས་ལུགས།