91547

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སངས་རྒྱས་ཁོ་ན་ལ་མངའ་བ་འཕྲིན་ལས་ཀྱིས་བསྡུས་པ་གསུམ་ (1)
Part of speech མིང་ཚིག
Definition མདོ་སྡེའི་རྒྱན་གྱི་བཤད་པ་ལས་བྱུང་བ་སྟེ། ༡ དེ་བཞིན་གཤེགས་པའི་སྐུའི་འཕྲིན་ལས་ཐམས་ཅད་ཡེ་ཤེས་ཀྱི་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བའོ། །༢ གསུང་གི་འཕྲིན་ལས་ཐམས་ཅད་ཡེ་ཤེས་ཀྱི་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བའོ། །༣ ཐུགས་ཀྱི་འཕྲིན་ལས་ཐམས་ཅད་ཡེ་ཤེས་ཀྱི་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བའོ། །
Domain ཆོས་ལུགས།