91553

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སངས་རྒྱས་གཙུག་ཏོར་སྙིང་པོ་ (1)
Part of speech མིང་ཚིག
Definition རྙིང་མ། མདོ་དགོངས་པ་འདུས་པར་སྒྲོན་མ་ཡོངས་སུ་བཀོད་པའི་བྱུང་ཚུལ་སྐབས་སྒྲོན་མ་བཀོད་པའི་འཇིག་རྟེན་གྱི་ཁམས་ལྔ་བཅུ་ཙམ་བསྟན་པ་ལས། ཞིང་ཁམས་གཙུག་ཏོར་བཀོད་པ་ཞེས་པའི་ཞིང་དེའི་སྟོན་པ་ཞིག་ཡིན་པར། གཟི་ལྡན་འཆར་ཁའི་འོད་སྣང་ལས། ཡང་ཐེག་པའི་རྩེ་མོ་སྟོན་པས་གཙུག་ཏོར་བཀོད་པ་ཞེས་བྱ་བའི་ཞིང་ཁམས་ན། སངས་རྒྱས་གཙུག་ཏོར་སྙིང་པོ་ཞེས་བྱ་བར་བསྟན་ནས། ཇི་བཞིན་མ་བཅོས་དེ་ཉིད་ལ། །དེ་བཞིན་པ་ཡི་བློ་བཞག་པ། །དེ་བཞིན་དེ་ཉིད་མ་ཡིན་པའི། །སྒྲུབ་དང་བསྒྲུབ་པ་ག་ལ་ཡོད། །ཅེས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་བསྟན་ཏོ། །ཞེས་གསུངས་སོ། །
Domain ཆོས་ལུགས།