91557

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སངས་རྒྱས་གཤེགས་པ་ལ་ཡོད་པའི་ཕན་ཡོན་བཅོ་བརྒྱད་ (1)
Part of speech མིང་ཚིག
Definition འདུལ་བ་ཕྲན་ཚེགས་ཀྱི་གཞི་ལས་བྱུང་བ་སྟེ། ༡ མེའི་འཇིགས་པ་མེད། ༢ ཆུའི་འཇིགས་པ་མེད། ༣ སེང་གེའི་འཇིགས་པ་མེད། ༤ སྟག་གི་འཇིགས་པ་མེད། ༥ གཟིག་གི་འཇིགས་པ་མེད། ༦ ཕ་རོལ་གྱི་དམག་ཚོགས་ཀྱི་འཇིགས་པ་མེད། ༧ རྐུན་པོའི་འཇིགས་པ་མེད། ༨ ལ་གཅན་པའི་འཇིགས་པ་མེད། ༩ གྲུ་བཙས་ཀྱི་འཇིགས་པ་མེད། ༡༠ ཤོ་གམ་གྱི་འཇིགས་པ་མེད། ༡༡ བསེལ་བརྔན་གྱི་འཇིགས་པ་མེད། ༡༢ མིའི་འཇིགས་པ་མེད། ༡༣ མི་མ་ཡིན་པའི་འཇིགས་པ་མེད། ༡༤ དུས་དུས་སུ་གཟུགས་བཟང་པོ་མཐོང་བར་འགྱུར་རོ། །༡༥ སྒྲ་སྙན་པ་ཐོས་པ་འགྱུར་རོ། །༡༦ འོད་ཆེན་པོ་དག་མཐོང་བར་འགྱུར་རོ། །༡༧ ཀུན་ཤེས་པ་ལུང་སྟོན་པ་དག་ཐོས་པ་འགྱུར་རོ། །༡༨ ཆོས་ཀྱི་ལོངས་སྤྱོད་དང༌། ཟང་ཟིང་གི་ལོངས་སྤྱོད་དང་ལྡན་པར་འགྱུར་བ་བཅས་སོ། །
Domain ཆོས་ལུགས།