91558

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སངས་རྒྱས་གསང་བ་ (1)
Part of speech མིང་ཚིག
Definition རྒྱ་གར་གྱི་ཡོ་ག་ལ་མཁས་པའི་མི་བཞིའི་ཡ་གྱལ་ཞིག་ཡིན། བཙན་པོ་མེས་ཨག་ཚོམ་སྐབས་གངས་རི་ཏེ་སེར་བསྒོམ་ལ་ཕེབས་པ་བོད་དབུས་སུ་གདན་དྲངས་ཀྱང་མ་ཕེབས། ལོ་ཙཱ་བ་གཉག་སོགས་བརྒྱུད་ནས་ཁོང་གི་ཐུགས་ནས་དམ་པའི་ཆོས་མདོ་ལས་རྣམ་འབྱེད་དང༌། གསེར་འོད་དམ་པ། ཀྲི་ཡ་དང་ཨུ་པ་ཆ་ཤས་ཙམ་ཞུས། གླེགས་བམ་སྤྱན་དྲངས་ནས་རྒྱལ་པོའི་མཆོད་གནས་སུ་ཕུལ་བས་དེ་རྣམས་བཞུགས་ཡུལ་དུ་ལྷ་ཁང་ལྔ་བཞེངས་པར་གྲགས་ཏེ། ལྷ་ས་མཁར་བྲག་དང༌། བྲག་དམར་མགྲིན་བཟང༌། མཆིམས་ཕུ་ནམ་རལ། བྲག་དམར་ཀར་རུ། མ་ཟ་གོང་གི་གནས་ཏེ་ལྔ་བཞེངས་པར་མཛད་པར་གྲགས།
སངས་རྒྱས་གསང་བ་ (2)
Part of speech མིང་ཚིག
Definition སངས་རྒྱས་གསང་བས་མཛད་པའི་སྒྱུ་འཕྲུལ་དབང་གི་གལ་པོའི་དོན་འགྲེལ། གཉགས་ཛྙཱ་ནས་བསྒྱུར། བསྟན་འགྱུར་རྒྱུད་འུ་པར་བཞུགས།