91560

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སངས་རྒྱས་གསེར་གྱི་གཟུ་བ་ (1)
Part of speech མིང་ཚིག
Definition རྙིང་མ། མདོ་དགོངས་པ་འདུས་པར་སྒྲོན་མ་ཡོངས་སུ་བཀོད་པའི་བྱུང་ཚུལ་སྐབས་སྒྲོན་མ་བཀོད་པའི་འཇིག་རྟེན་གྱི་ཁམས་ལྔ་བཅུ་ཙམ་བསྟན་པ་ལས། ཞིང་ཁམས་གསེར་གྱི་འབྱུང་གནས་ཞེས་པའི་ཞིང་དེའི་སྟོན་པ་ཞིག་ཡིན་པར། གཟི་ལྡན་འཆར་ཁའི་འོད་སྣང་ལས། ཡང་དངོས་སུ་གསེར་འབྱུང་བས་གསེར་གྱི་འབྱུང་གནས་ཞེས་བྱ་བའི་ཞིང་ཁམས་ན། སངས་རྒྱས་གསེར་གྱི་གཟུ་བ་ཞེས་བྱ་བ་བསྟན་ནས། གང་ཡང་མ་བཅོས་དེ་ཉིད་ལ། །ཕྱོགས་དང་སྔ་ཕྱི་དུས་མེད་དེ། །ཐམས་ཅད་དེ་བཞིན་ཉིད་ཀྱི་དབྱིངས། །དེ་ཉིད་རང་བྱུང་དེ་ཉིད་དོ། །ཞེས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་བསྟན་ཏོ། །ཞེས་གསུངས་སོ། །
Domain ཆོས་ལུགས།