91561
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྙིང་མ། མདོ་དགོངས་པ་འདུས་པར་སྒྲོན་མ་ཡོངས་སུ་བཀོད་པའི་བྱུང་ཚུལ་སྐབས་སྒྲོན་མ་བཀོད་པའི་འཇིག་རྟེན་གྱི་ཁམས་ལྔ་བཅུ་ཙམ་བསྟན་པ་ལས། འཇིག་རྟེན་གྱི་ཁམས་བཻ་ཌཱུརྻའི་སྙིང་པོ་ཞེས་པའི་ཞིང་དེའི་སྟོན་པ་ཞིག་ཡིན་པར། གཟི་ལྡན་འཆར་ཁའི་འོད་སྣང་ལས། ཡང་མདོག་སྔོ་བས་བཻ་ཌཱུརྱའི་སྙིང་པོ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ན། སངས་རྒྱས་གསེར་གྱི་འོད་ཟེར་ཞེས་བྱ་བར་བསྟན་ནས། དཔག་ཏུ་མེད་པའི་རྒྱལ་བ་རྣམས། །ཇི་བཞིན་དེ་བཞིན་ཉིད་ལ་བཞུགས། །དེ་བཞིན་ཉིད་དང་ཐམས་ཅད་ཀྱང༌། །གཉིས་མེད་དེ་བཞིན་དེ་ཉིད་དོ། །ཞེས་ཇི་ལྟ་བ་དེ་བཞིན་དུ་ཆོས་བསྟན་ཏོ། །ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |