91564

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སངས་རྒྱས་ངན་སོང་ཐམས་ཅད་སྦྱོང་བ་ (1)
Part of speech མིང་ཚིག
Definition རྙིང་མ། མདོ་དགོངས་པ་འདུས་པར་སྒྲོན་མ་ཡོངས་སུ་བཀོད་པའི་བྱུང་ཚུལ་སྐབས་སྒྲོན་མ་བཀོད་པའི་འཇིག་རྟེན་གྱི་ཁམས་ལྔ་བཅུ་ཙམ་བསྟན་པ་ལས། ཞིང་ཁམས་ཡོངས་སུ་སྦྱོང་བ་ཞེས་པའི་ཞིང་དེའི་སྟོན་པ་ཞིག་ཡིན་པར། གཟི་ལྡན་འཆར་ཁའི་འོད་སྣང་ལས། ཡང་ལས་ཀྱི་སྒྲིབ་པ་སྦྱོང་བས་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཞིང་ཁམས་ན། སངས་རྒྱས་ངན་སོང་ཐམས་ཅད་སྦྱོང་བ་ཞེས་བྱ་བར་བསྟན་ནས། ཟག་མེད་ཡེ་ཤེས་དངོས་གྲུབ་ནི། །དེ་བཞིན་ཉིད་དུ་དངོས་གྲུབ་པས། །ཟད་པ་མེད་ཅིང་འཕེལ་བ་མེད། །ད་གདོད་བསྒྲུབ་ཏུ་ག་ལ་ཡོད། །ཅེས་ཡང་དག་པ་ཇི་ལྟ་བ་དེ་བཞིན་ཆོས་བསྟན་ཏོ། །ཞེས་གསུངས་སོ། །
Domain ཆོས་ལུགས།