91566
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྙིང་མ། མདོ་དགོངས་པ་འདུས་པར་སྒྲོན་མ་ཡོངས་སུ་བཀོད་པའི་བྱུང་ཚུལ་སྐབས་སྒྲོན་མ་བཀོད་པའི་འཇིག་རྟེན་གྱི་ཁམས་ལྔ་བཅུ་ཙམ་བསྟན་པ་ལས། ཞིང་ཁམས་ངེས་པར་འཕགས་པ་ཞེས་པའི་ཞིང་དེའི་སྟོན་པ་ཞིག་ཡིན་པར། གཟི་ལྡན་འཆར་ཁའི་འོད་སྣང་ལས། ཡང་འབྲས་བུ་ལ་སྦྱོར་བས་ངེས་པར་འཕགས་པ་ཞེས་བྱ་བའི་ཞིང་ཁམས་ན། སངས་རྒྱས་ངེས་པར་གསུང་བ་ཞེས་བྱ་བར་བསྟན་ནས། ཇི་སྙེད་དག་པའི་གསུང་བརྗོད་ཀྱང༌། །རྡོ་རྗེའི་གསུང་ལ་སྤྲོས་པ་མེད། །སྤྲོས་མེད་གསུང་ཉིད་ཀུན་གསལ་ཁྱབ། །མ་གསུང་བ་ཉིད་རྒྱ་ཆེར་བཤད། །ཅེས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་བསྟན་ཏོ། །ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |