91568

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སངས་རྒྱས་ཆོས་ཀྱི་རྣམས་ལ་བསམ་པ་ངེས་པར་བྱེད་པ་བཅུ་ (1)
Part of speech མིང་ཚིག
Definition དཀོན་མཆོག་ཏ་ལ་ལའི་གཟུངས་ཀྱི་མདོ་ལས་བྱུང་བ་སྟེ། ༡ སངས་རྒྱས་ཀྱི་བསྔགས་པའམ། བསྔགས་པ་མ་ཡིན་པ་འཆད་ཀྱང་རུང་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ལ་བསམ་པ་ངེས་པ་ཡིན། ༢ ཆོས་ཀྱི་བསྔགས་པའམ། བསྔགས་པ་མ་ཡིན་པ་འཆད་ཀྱང་རུང་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ལ་བསམ་པ་ངེས་པ་ཡིན། ༣ བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྔགས་པའམ། བསྔགས་པ་མ་ཡིན་པ་འཆད་ཀྱང་རུང་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ལ་བསམ་པ་ངེས་པ་ཡིན། ༤ བྱང་ཆུབ་སེམས་པའི་སྤྱོད་པའི་བསྔགས་པའམ། བསྔགས་པ་མ་ཡིན་པ་འཆད་ཀྱང་རུང་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ལ་བསམ་པ་ངེས་པ་ཡིན། ༥ སེམས་ཅན་གྱི་ཁམས་རྒྱ་ཆུང་ཞེའམ། སེམས་ཅན་གྱི་ཁམས་རྒྱ་ཆེ་ཞེའམ། ༦ སེམས་ཅན་ཁམས་ཀུན་ནས་ཉོན་མོངས་པ་ཅན་ཞེའམ། སེམས་ཅན་གྱི་ཁམས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་ཞེའམ། ༧ སེམས་ཅན་གྱི་ཁམས་གདུལ་སླ་ཞེའམ། སེམས་ཅན་གྱི་ཁམས་གདུལ་དཀའ་ཞེའམ། ༨ ཆོས་ཀྱི་དབྱིངས་རྒྱ་ཆུང་ཞེའམ། ཆོས་ཀྱི་དབྱིངས་རྒྱ་ཆེ་ཞེའམ། ༩ འཇིག་རྟེན་གྱི་ཁམས་དག་འཇིག་ཅེའམ། མི་འཇིག་ཅེའམ། ༡༠ ཆོས་ཀྱི་དབྱིངས་ཡོད་ཅེའམ། ཆོས་ཀྱི་དབྱིངས་མེད་ཅེས་འཆད་ཀྱང་རུང་སྟེ། སངས་རྒྱས་ཀྱི་ཆོས་ལ་བསམ་པ་ངེས་པ་འདི་དག་ནི་བསམ་པ་ཕུན་སུམ་ཚོགས་པའི་བྱང་ཆུབ་སེམས་དཔའོ། །
Domain ཆོས་ལུགས།