91600
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་མིའམ་ཅིའི་རྒྱལ་པོ་སྡོང་པོས་ཞུས་པའི་མདོ་ལས་བྱུང་བ་སྟེ། ༡ སྤྱོད་པ་ཐམས་ཅད་ལས་རབ་ཏུ་འདས་པ་རྣམས་ཡིན། ༢ བྱང་ཆུབ་སེམས་དཔའི་སྤྱོད་པ་ལས་མི་ལྡོག་ཅིང་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པ་རྣམས་ཡིན། ༣ བསམ་བཞིན་དུ་ཚེ་དང་། འཆི་འཕོ་དང་། སྐྱེ་བའང་སྟོན་ལ་ཕྱིར་མི་ལྡོག་པའི་ཕྱག་རྒྱས་ཀྱང་བཏབ་པ་རྣམས་ཡིན། ༤ དེ་བཞིན་གཤེགས་པའི་ཕྱག་རྒྱ་ལ་ཡང་དག་པར་གཞོལ་ཞིང་ས་བཅུར་ངེས་པར་བྱུང་ན་ས་ནས་སར་འཕར་བ་ལ་མཁས་པ་རྣམས་སོ། ། |
| Domain | ཆོས་ལུགས། |