91601

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སངས་རྒྱས་ཐམས་ཅད་ལ་མཉམ་པའི་ཡོན་ཏན་ (1)
Part of speech མིང་ཚིག
Definition དེ་བཞིན་གཤེགས་པ་ཐམས་ཅད་ལ་མཉམ་པའི་མ་འདྲེས་པའི་ཡོན་ཏན་རྣམས་ཏེ། རྒྱུ་ཕུན་ཚོགས་པ་དང་། ཡེ་ཤེས་ཕུན་ཚོགས་པ་དང་། ཕན་འདོགས་པ་ཕུན་ཚོགས་པའོ། ། དེ་ཡང་སངས་རྒྱས་ཐམས་ཅད་ནི་རྒྱུ་སྔོན་གྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པས་ཡང་དག་པར་འགྲུབ་པ་དང་། འབྲས་བུ་ཟག་མེད་ཀྱི་ཆོས་རྒྱུན་གྱི་ཚོགས་སམ་སེམས་གནས་གྱུར་པ་ཆོས་ཀྱི་སྐུ་འགྲུབ་པ་དང་། འཕྲིན་ལས་འགྲོ་བའི་མཐོ་རིས་དང་བྱང་གྲོལ་གྱི་དོན་སྒྲུབ་པར་སྤྱོད་པའི་རྒྱུ་ཐུགས་རྗེ་ཆེན་པོ་ཐོབ་པ་གསུམ་གྱིས་མཉམ་པ་ཉིད་ཡིན་ནོ། །ཕུན་སུམ་ཚོགས་པ་འདི་གསུམ་པོ་རེ་རེ་ལའང་བཞི་བཞི་ཡོད་དོ། །
Domain ཆོས་ལུགས།