91602

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སངས་རྒྱས་ཐམས་ཅད་ལ་མི་མཉམ་པའི་ཡོན་ཏན་ (1)
Part of speech མིང་ཚིག
Definition དེ་བཞིན་གཤེགས་པ་ཐམས་ཅད་མི་མཉམ་པའི་མ་འདྲེས་པའི་ཡོན་ཏན་རྣམས་ཏེ། སྐུ་ཚེ་དང་རིགས་དང་གདུང་དང་སྐུའི་བོངས་ཚད་ཀྱིས་ནི་སངས་རྒྱས་ཐམས་ཅད་མཉམ་པ་མིན་ཏེ། སྐྱེ་དགུ་རྣམས་ཀྱི་ཚེ་རིང་བ་དང་ཐུང་བ་དང་། འཇིག་རྟེན་ན་རྒྱལ་རིགས་དང་བྲམ་ཟེར་གང་བཀུར་བ་དང་། གདུང་འོད་སྲུང་དང་གོའུ་ཏ་མ་ལ་སོགས་པ་གང་བཀུར་བ་དང་། འཇིག་རྟེན་པ་ལུས་བོངས་ཚོད་ཆེ་བ་དང་ཆུང་བའི་ཚེ་དུས་ཇི་ལྟར་བ་བཞིན་དུ་སངས་རྒྱས་རྣམས་ཀྱང་སྐུ་ཚེ་དང་རིགས་དང་གདུང་དང་སྐུའི་བོངས་ཚོད་རྣམས་དེ་དག་དང་མཐུན་པར་སྟོན་པས་ཁྱད་པར་ཡོད་པའི་ཕྱིར་རོ། །
Domain ཆོས་ལུགས།