91609

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སངས་རྒྱས་དཀོན་མཆོག་དཔལ་ (1)
Part of speech མིང་ཚིག
Definition རྙིང་མ། སངས་རྒྱས་ཤིག་གི་མཚན་ཡིན། མདོ་དགོངས་པ་འདུས་པ་ལས་གསུངས་པ་ལྟར་སྔོན་འདས་པའི་སྒྲོན་མའི་བསྐལ་པ་རྫོགས་ལྡན་ཞེས་བྱ་བ་དེར་སངས་རྒྱས་བྱེ་བ་ཕྲག་བརྒྱ་བྱོན་པའི་མཐའ་མ་ནི་སངས་རྒྱས་དཀོན་མཆོག་དཔལ་འདི་ཡིན་པར་གསུངས། སྟོན་པ་དེ་ནི་བདག་ཅག་གི་སྟོན་པ་བཞིན་དུ་མྱ་ངན་ལས་འདའ་ཁར་འཁོར་རྣམས་ལ། ང་འདས་པའི་འོག་ལོ་བརྒྱད་ཅུ་རྩ་གཉིས་རྗེས་གསང་སྔགས་གསང་བ་དམ་པ་སྣང་བར་འགྱུར་རོ་ཞེས་ལུང་བསྟན་མཛད་པའི་ཚུལ། གཟི་ལྡན་འཆར་ཁའི་འོད་སྣང་ལས། སྟོན་པ་ང་ཡི་སྣང་བ་འཇིག་རྟེན་འདི་ན་མི་གནས་པ་དེ་ཡི་རྗེས་ལ་ལོ་ནི་བརྒྱད་ཅུ་རྩ་གཉིས་ན། གསང་བ་ཀུན་འདུས་པའི་ཐེག་ཆེན་གྱི་སྙིང་པོ་དམ་པ་འདི། བྱང་ཆུབ་སྙིང་པོ་ཅན་ཞེས་པའི་གནས་ས་ལེ་གསེར་གླིང་བྱ་བ་དེར་བྱུང་བའི་རྒྱལ་པོ་བདེ་སྐྱོབ་ཞེས་བྱ་བ་གསང་སྔགས་མཆོག་གི་སྐལ་པ་ཡོད་པ་དེ་ལ་གདུལ་བྱའི་དཀར་པོ་དགེ་བའི་ལས་དང་རྒྱལ་བའི་ཐུགས་རྗེ་མཐུན་པ་ཡི་སྒོ་ནས། གསང་ཆེན་ཆོས་ཀྱི་མིག་གཅིག་དྲི་མ་མེད་པ་ཉིད་རྣམ་པར་འབྱེད་ཅིང་སྣང་བར་འགྱུར་ཏེ། ཞེས་གསུངས་སོ། །
Domain ཆོས་ལུགས།