91611
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྙིང་མ། མདོ་དགོངས་པ་འདུས་པར་སྒྲོན་མ་ཡོངས་སུ་བཀོད་པའི་བྱུང་ཚུལ་སྐབས་སྒྲོན་མ་བཀོད་པའི་འཇིག་རྟེན་གྱི་ཁམས་ལྔ་བཅུ་ཙམ་བསྟན་པ་ལས། རིན་ཆེན་བཀོད་པའི་འཇིག་རྟེན་གྱི་ཁམས་ཞེས་པའི་ཞིང་དེའི་སྟོན་པ་ཞིག་ཡིན་པར། གཟི་ལྡན་འཆར་ཁའི་འོད་སྣང་ལས། ཡང་རིན་ཆེན་སྣ་ཚོགས་བཀོད་པའི་འཇིག་རྟེན་གྱི་ཁམས་ན། སངས་རྒྱས་དགའ་བའི་སྤྱན་ཞེས་བྱ་བར་བསྟན་ནས། ཆོས་སོ་ཅོག་གི་རང་བཞིན་ནི། །མ་སྐྱེས་པ་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །རིག་མཆོག་རྡོ་རྗེ་སྐྱེ་གནས་དམ། །ཞེས་ཇི་ལྟ་བ་དེ་བཞིན་དུ་ཆོས་བསྟན་ཏོ། །ཞེས་གསུངས། |
| Domain | ཆོས་ལུགས། |