91618
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྙིང་མ། མདོ་དགོངས་པ་འདུས་པར་སྒྲོན་མ་ཡོངས་སུ་བཀོད་པའི་བྱུང་ཚུལ་སྐབས་སྒྲོན་མ་བཀོད་པའི་འཇིག་རྟེན་གྱི་ཁམས་ལྔ་བཅུ་ཙམ་བསྟན་པ་ལས། ཞིང་ཁམས་དཔལ་གྱི་འབྱུང་གནས་ཞེས་པའི་ཞིང་དེའི་སྟོན་པ་ཞིག་ཡིན་པར། གཟི་ལྡན་འཆར་ཁའི་འོད་སྣང་ལས། ཡང་མཆོག་གི་བསྒྲུབ་པ་དམ་པས་དཔལ་གྱི་འབྱུང་གནས་ཞེས་བྱ་བའི་ཞིང་ཁམས་ན། སངས་རྒྱས་དཔལ་གྱི་རྒྱལ་པོ་ཞེས་བྱ་བར་བསྟན་ནས། དེ་ཉིད་དེ་སྙེད་རང་བཞིན་ཏེ། །དེ་སྙེད་དེ་ཉིད་ཡིན་པ་ལ། །བྱིས་པ་རྣམས་ཀྱིས་གཉིས་སུ་བཟུང༌། །དེ་ལ་གཉིས་སུ་དབྱེ་བྱར་མེད། །ཅེས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་བསྟན་ཏོ། །ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |