91619

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སངས་རྒྱས་དཔལ་བཟང་ (1)
Part of speech མིང་ཚིག
Definition སྟག་ལུང་པའི་གདན་རབས་དྲུག་པ། ཕྱི་ལོ་ ༡༢༥༧ ལོར ། ཡུལ་མདོ་ཁམས་གཡང་ཤོད་བོང་ར་སྟེང་དུ་ཡབ་གྭ་ཟི་ཡོན་བདག་ཞང་སྐྱབས་དང་། ཡུམ་རྒྱ་གར་ལྕམ་གཉིས་ཀྱི་སྲས་སུ་སྐུ་བལྟམས། དགུང་ལོ་བཅུ་དྲུག་པ་ལ་དབུས་ཕེབས་ནས་སྟག་ལུང་ན་ཆོས་རྗེ་བཀྲ་ཤིས་བླ་མ་དང་ས་སྐྱ་ནས་འགྲོ་མགོན་འཕགས་པ་སོགས་ཀྱི་ཞབས་ལ་གཏུགས་ཏེ། བླ་ཆེན་འཕགས་པ་ཉིད་ལས་མདོ་སྔགས་ཀྱི་ཆོས་ནོད་དེ། ས་སྐྱའི་ཆོས་གྲྭ་ན་བསྙེན་པར་རྫོགས། སླར་སྟག་ལུང་དུ་ཕྱིར་ཕེབས་ཤིང་། མེ་མོ་བྱ་ཕྱི་ལོ་ ༡༢༩༧ ལོར་སྟག་ལུང་པའི་གདན་སའི་ཁྲི་ལ་འཁོད། སྟོན་པ་དགུང་ལོ་སོ་ལྔ་པ་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་ཀྱི་ཐུང་མོང་གི་གདུལ་བྱ་ལ་སྣང་བའི་སྐུ་ཚད་རྒྱ་གར་རྡོ་རྗེ་གདན་གྱི་མ་ཧཱ་བོ་དྷི་དང་མཉམ་པའི་ཐུབ་ཆེན་བྱང་ཆུབ་ཆེན་པོ་དང་། དཔལ་ལྡན་འབྲས་སྤུངས་མཆོད་རྟེན་སོགས་བཞེངས་ཤིང་། བགྲངས་བྱ་བཅུ་གསུམ་་རིང་ཚོགས་པ་བསྐྱངས་མཐར་དབོན་རཏྣ་གུ་རུ་ལ་བསྟན་པ་གཏད་དེ་ཕྱི་ལོ་ ༡༣༡༠ ལོར་སྐུ་གཤེགས། དབོན་རཏྣ་གུ་རུ་སོགས་བུ་སློབ་ཀྱང་མང་དུ་བྱུང་།