91622
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ་སྡེའི་དབང་གི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ལས་བྱུང་བ་སྟེ། ༡ ཡེ་ཤེས་མེ་ནི། དབང་ཆེན་ཞེས་སུ་གྲགས། །ཁ་དོག་སེར་པོའི་མདོག་ཅན་ལ། །མདོག་དང་རྒྱས་དང་སྟོབས་རབ་སྟེར། །འབར་བའི་ཕྲེང་བ་ཏིང་འཛིན་གནས། །ཡེ་ཤེས་རྫོགས་བྱེད་ཡིན་ཞེས་བྱ། །༢ འཛིན་བྱེད་ནི། སྟོན་ཀའི་ཟླ་བའི་འོད་དང་འདྲ། །དཔལ་ལྡན་གོས་ནི་དཀར་པོ་དགོས། །བགྲང་ཕྲེང་རིལ་པ་སྤྱིའུ་བླུགས་ཐོགས། །༣ རླུང་ནི། མདོག་ནི་གནག་ལ་རྩུབ་པའོ། །༤ དམར་པོ་ནི། ནུབ་ཀའི་མཚམས་ཀྱི་དམར་ཐག་འདྲ། །༥ མྲྀ་ཌ་ནི། སྦུན་ལ་ཁ་དོག་ཁམ་པ་སྟེ། །མགྲིན་པ་རིང་ཞིང་གཟི་བརྗིད་ཆེ། །ཀུན་ལ་ཕན་ནི་འདོགས་པར་བཤད། །༦ ཁྲོ་བོ་ནི། མིག་ཡོན་དུད་པའི་ཁ་དོག་འདྲ། །གྱེན་དུ་སྐྲ་བརྫེས་སྒྲ་ཆེན་འབྱིན། །མཆེ་བ་བཞི་པ་སྟོབས་པོ་ཆེ། །༧ ལྟོ་བ་ནི། རྣོ་ལ་ཁ་དོག་ཀུན་ནས་ལྡན། །༨ ཟད་པ་ནི། གློག་གི་འོད་ཟེར་འགྱུར་བ་འདྲ། །༩ ཡིད་ལས་སྐྱེ་ནི། སྣ་ཚོགས་གཟུགས་ཅན་སྟོབས་པོ་ཆེ། །༡༠ འཇིག་རྟེན་འཛིན་པ་ཡིན། །༡༡ ཤ་ཟའི་མེ་ནི་དེ་ལས་གཞན། །༡༢ རྨུགས་བྱེད་ནི། སེམས་ཅན་ཐམས་ཅད་རྨུགས་བྱེད་པའོ། ། |
| Domain | ཆོས་ལུགས། |