91626
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ནང་པའི་གྲུབ་མཐའ་སྨྲ་བ་ཡིན་མིན་གྱི་མཚམས་འབྱེད་བྱེད་ཅིག་སྟེ། ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་མཁན་གྱི་གང་ཟག། ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ནི་ཆོས་ཀྱི་སྡོམ་བཞི་དང་དོན་གཅིག་སྟེ། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བ་དམ་པའོ། །བཀར་བཏགས་ཀྱི་སྒྲ་བཤད་གོང་དུ་བཀར་བཏགས་ཞེས་པའི་ཐད་དུ་གཟིགས། དེ་ལྟ་བུའི་ནང་པའི་གྲུབ་མཐའ་ལ་བྱེ་བྲག་སྨྲ་བ་དང་། མདོ་སྡེ་པ། སེམས་ཙམ་པ། དབུ་མ་པ་བཅས་བཞི་ཡོད། |
| Domain | ཆོས་ལུགས། |