91629

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ་ (1)
Part of speech མིང་ཚིག
Definition བཀའ་འགྱུར་ཕལ་མོ་ཆེ་ག་པར་བཞུགས།
སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ་ (2)
Part of speech མིང་ཚིག
Definition རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི་དང་། ཞུས་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། ཞོལ་དཀར་ཆག་ཏུ་སངས་རྒྱས་ཕལ་པོ་ཆེ་ནི། བརྡ་རྙིང་དུ་སངས་རྒྱས་རྨ་ག་ཆད་དང་། རྨག་ཆད་དང་། སྨད་ཆད་དུ་གྲགས་ཤིང་། ཡང་སྙན་གྱི་གོང་རྒྱན་དང་། པདྨའི་རྒྱན། ཤིན་ཏུ་རྒྱས་པའི་མདོ་ཞེས་བསྒྱུར་བའང་ཡོད་དེ། དེ་ལྟ་བུའི་མཚན་དེའང་བྱེ་བྲག་གི་མིང་སྤྱི་ལ་བཏགས་པར་གསལ་ཏེ། མདོ་འདིའི་ལེའུ་ཉི་ཤུ་རྩ་དགུའི་བར་དུ་ཕལ་པོ་ཆེ་ཞེས་དཀར་ཆག་ལྡན་དཀར་མ་སོགས་སུ་བཤད་པ་གང་ཞིག དེས་ལྷག་མ་རྣམས་ལའང་མཚན་དེ་ལྟར་གྲགས་པའི་ཕྱིར་རོ། །དེས་ན་མཚན་དེ་ལྟ་བུ་དང་ལྡན་པའི་མདོ་སྡེ་འདི་ལ། སྤྱིར་ཤླཽ་ཀ་འབུམ་དང་། ལེའུ་བརྒྱ་ཡོད་པ་ལས། སྔོན་ན་ལེནྡྲ་བི་ཧ་ར་ལ་མེའི་དགྲ་བྱུང་བའི་རྐྱེན་གྱིས། མ་ཚང་བའི་འཕྲོ་ཇི་ཙམ་བཞུགས་པ་ཞེས་སྣར་ཐང་། སྡེ་དཀར་ཆག་དང་ཕལ་ཆེར་འདྲ་བར་འཁོད་པ་དང་། ད་དུང་འདི་ལ་སྣར་ཐར་དཀར་ཆག་ཏུ་བམ་པོ་བརྒྱ་དང་སུམ་ཅུ། སྡེ་དགེར་བརྒྱ་དང་བཅུ་དྲུག་གསུངས་ཀྱང་མདོ་རང་ལ་བམ་པོ་བརྒྱ་དང་བཅོ་ལྔ་སྣང་”ཞེས་འཁོད། བུ་སྟོན་གྱི་དཀར་ཆག་ཏུ་“སངས་རྒྱས་ཕལ་པོ་ཆེ་འཇིག་རྟེན་གྱི་དབང་པོ་ཐམས་ཅད་ཀྱི་རྒྱན་གྱི་ལེའུ་ནས་སྡོང་པོ་བརྒྱན་པའི་ལེའུ་བཞི་བཅུ་རྩ་ལྔ་ཡན་ཆད་ལ་ཤོ་ལོ་ཀ་སུམ་ཁྲི་དགུ་སྟོང་སུམ་ཅུ་སྟེ། བམ་པོ་བརྒྱ་སུམ་ཅུ་དང་ཤོ་ལོ་ཀ་སུམ་ཅུ་བཻ་རོ་ཙ་ན་རཀྵི་ཏས་ཞུ་ཆེན་བགྱིས་”ཞེས་འཁོད། བཀའ་འགྱུར་ཕལ་མོ་ཆེ་ཨ་པར་བཞུགས།