91636

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་ཁྱད་པར་འཕགས་པ་རྣམ་པ་བཅུ་ (1)
Part of speech མིང་ཚིག
Definition ཐེག་པ་ཆེན་པོ་བསྡུས་པ་ལས་བྱུང་བ་སྟེ། ༡ སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གསུང་ཞེས་བྱ་བའི་གནས་ཀྱི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པ། ༢ སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གསུང་ཞེས་བྱ་བའི་མཚན་ཉིད་ཀྱི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པ། ༣ སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གསུང་ཞེས་བྱ་བའི་ཤེས་བྱའི་མཚན་ཉིད་དེ་ལ་འཇུག་པའི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པའི་གསུང་། ༤ སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གསུང་ཞེས་བྱ་བའི་དེ་ལ་འཇུག་པ་དེའི་རྒྱུ་དང་འབྲས་བུའི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པའི་གསུང་། ༥ སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གསུང་ཞེས་བྱ་བ་དེའི་རྒྱུ་དང་འབྲས་བུ་བསྒོམ་པ་རབ་ཏུ་དབྱེ་བའི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པའི་གསུང། ༦ སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གསུང་ཞེས་བྱ་བ་དེ་བསྒོམ་པ་རབ་ཏུ་དབྱེ་བ་དེ་ཉིད་ལ་ལྷག་པའི་ཚུལ་ཁྲིམས་ཀྱི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པའི་གསུང། ༧ སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གསུང་ཞེས་བྱ་བའི་ལྷག་པའི་སེམས་ཀྱི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པའི་གསུང་། ༨ སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གསུང་ཞེས་བྱ་བའི་ལྷག་པའི་ཤེས་རབ་ཀྱིས་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པའི་གསུང་། ༩ སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གསུང་ཞེས་བྱ་བའི་དེའི་འབྲས་བུ་སྤངས་པའི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པའི་གསུང་། ༡༠ སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གསུང་ཞེས་བྱ་བའི་དེའི་འབྲས་བུ་ཡེ་ཤེས་ཀྱི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པའི་གསུང་ངོ་། །
Domain ཆོས་ལུགས།