91642

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མི་ཆགས་པར་སྤྱོད་པ་བཅུ་ (1)
Part of speech མིང་ཚིག
Definition འཕགས་པ་སངས་རྒྱས་ཀྱི་སྟོབས་བསྐྱེད་པའི་ཆོ་འཕྲུལ་རྣམ་པར་འཕྲུལ་པ་བསྟན་པའི་མདོ་ལས་བྱུང་བ་སྟེ། ༡ སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་དུ་གཤེགས་པའང་མི་ཆགས་པར་སྤྱོད་པ། ༢ སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་ན་བཞུགས་པའང་མི་ཆགས་པ་སྤྱོད་པ། ༣ སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་ན་འཆག་བཞེངས་བཞུགས་པའང་མི་ཆགས་པར་སྤྱོད་པ། ༤ སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་ན་ཆོས་སྟོན་པའང་མི་ཆགས་པར་སྤྱོད་པ། ༥ སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་དང་། དགའ་ལྡན་གནས་སུ་གཤེགས་པའང་མི་ཆགས་པར་སྤྱོད་པ། ༦ སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་དང་། སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། ད་ལྟར་བྱུང་བར་ཡང་མི་ཆགས་པར་སྤྱོད་པ། ༧ སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་དུ་ཚད་མེད་པའི་འཁོར་གྱི་དཀྱིལ་འཁོར་དུ་གཤེགས་པའང་མི་ཆགས་པར་སྤྱོད་པ། ༨ སེམས་ཅན་མ་ལུས་པ་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ལ་རྣམ་པར་གཟིགས་ཤིང་སེམས་ཀྱི་སྐད་ཅིག་མ་གཅིག་ལ་ཆོ་འཕྲུལ་གསུམ་སྟོན་ཅིང་སེམས་ཅན་འདུལ་བའང་མི་ཆགས་པར་སྤྱོད་པ། ༩ སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་གཅིག་གིས་ཚད་མེད་བསམ་གྱིས་མི་ཁྱབ་པར་གཤེགས་ཤིང་སངས་རྒྱས་ཀྱི་སྤྱོད་པ་ཆེན་པོ་སྤྱོད་པའང་མི་ཆགས་པར་སྤྱོད་པ། ༡༠ སངས་རྒྱས་བཅོམ་ལྡན་འདས་ཚད་མེད་བསམ་གྱིས་མི་ཁྱབ་པར་གཤེགས་ཤིང་སེམས་ཅན་ཚད་མེད་པ་བཅུ་རྡུལ་ཡབ་མ་ལུས་པ་ཐམས་ཅད་ལ་སྟོན་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་མ་ལུས་པ་ཐམས་ཅད་ཀྱི་མཐའ་ཡས་བསྡུས་པའང་མི་ཆགས་པར་སྤྱོད་པའོ། །
Domain ཆོས་ལུགས།