91643

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྣམ་པར་ཐར་པ་བཅུ་ (1)
Part of speech མིང་ཚིག
Definition ༡ རྡུལ་ཤིན་ཏུ་ཕྲ་བ་གཅིག་ལ་སངས་རྒྱས་སྐྱེ་བ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ཡོངས་སུ་བསྟན་པའི་རྣམ་པར་ཐར་པ། ༢ རྡུལ་ཤིན་ཏུ་ཕྲ་བ་གཅིག་ལ་ཆོས་ཀྱི་འཁོར་ལོ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་བསྐོར་བ་ཡོངས་སུ་བསྟན་པའི་རྣམ་པར་ཐར་པ། ༣ རྡུལ་ཤིན་ཏུ་ཕྲ་བ་གཅིག་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། གདུལ་བ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ཡོངས་སུ་བསྟན་པའི་རྣམ་པར་ཐར་པ། ༤ རྡུལ་ཤིན་ཏུ་ཕྲ་བ་གཅིག་ལ་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ཡོངས་སུ་བསྟན་པའི་རྣམ་པར་ཐར་པ། ༥ རྡུལ་ཤིན་ཏུ་ཕྲ་བ་གཅིག་ལ་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་སྐྱེ་བ་ཐམས་ཅད་ཡོངས་སུ་བསྟན་པའི་རྣམ་པར་ཐར་པ། ༦ རྡུལ་ཤིན་ཏུ་ཕྲ་བ་གཅིག་ལ་འདས་པ་དང་། མ་འོངས་པ་དང། ད་ལྟར་བྱུང་བའི་ཞིང་གི་རྒྱུད་ཡོངས་སུ་བསྟན་པའི་རྣམ་པར་ཐར་པ། ༧ རྡུལ་ཤིན་ཏུ་ཕྲ་བ་གཅིག་ལ་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྫུ་འཕྲུལ་དང་། རྣམ་པར་འཕྲུལ་པ་ཡོངས་སུ་བསྟན་པའི་རྣམ་པར་ཐར་པ། ༨ རྡུལ་ཤིན་ཏུ་ཕྲ་བ་གཅིག་ལ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་བསྟན་པའི་རྣམ་པར་ཐར་པ། ༩ རྡུལ་ཤིན་ཏུ་ཕྲ་བ་གཅིག་ལ་འདས་པ་དང་། མ་བྱོན་པ། ༡༠ ད་ལྟར་བྱུང་བའི་སངས་རྒྱས་ཀྱི་འཕྲིན་ལས་ཐམས་ཅད་ཡོངས་སུ་བསྟན་པའི་རྣམ་པར་ཐར་པའོ། །
Domain ཆོས་ལུགས།

{{#arraymap:སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྣམ་པར་ཐར་པ་བཅུ་

|; |@@@ | | }}