91650

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སངས་རྒྱས་བཟང་རྒྱན་དཔལ་ (1)
Part of speech མིང་ཚིག
Definition རྙིང་མ། སངས་རྒྱས་ཤིག་གི་མཚན་ཡིན། མདོ་དགོངས་པ་འདུས་པ་ལས་གསུངས་པ་ལྟར་སྔོན་འདས་པའི་སྒྲོན་མའི་བསྐལ་པ་བཟང་རྒྱན་ཞེས་བྱ་བ་དེར་སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་བྱོན་པའི་མཐའ་མ་ནི་སངས་རྒྱས་བཟང་རྒྱན་དཔལ་འདི་ཡིན་པར་གསུངས། སྟོན་པ་དེ་ནི་བདག་ཅག་གི་སྟོན་པ་བཞིན་དུ་མྱ་ངན་ལས་འདའ་ཁར་འཁོར་རྣམས་ལ། ང་འདས་པའི་འོག་ལོ་ལྔ་བཅུའི་རྗེས་གསང་ཆེན་གསང་བ་དམ་པ་སྣང་བར་འགྱུར་རོ་ཞེས་ལུང་བསྟན་མཛད་པའི་ཚུལ། གཟི་ལྡན་འཆར་ཁའི་འོད་སྣང་ལས། སྟོན་པ་ང་ཡི་སྐུའི་སྣང་བ་འདི་ཉིད་ནུབ་ནས་ལོ་བརྒྱ་ཕྲག་ཕྱེད་དེ་ལྔ་བཅུ་སོང་བའི་སྐབས་ཀྱི་དུས་དག་ལ་འདི་ལྟར་ཚེ་གཅིག་ལ་འབྲས་བུ་གྲུབ་པ་ཡི། ཆོས་ཀྱི་མེ་ལོང་དམ་པ་བླ་ན་མེད་པ་ཞིག ང་ཉིད་འདས་པའི་རྗེས་ཀྱི་གླིང་གི་འཇིག་རྟེན་འདིར་འབྱུང་བའི་དགེ་སློང་སྐལ་པ་མཆོག་དང་ལྡ༷ན་པ་ཅན་ཉི་མའི་སྙིང་པོ་ཞེས་བྱ་བ་ལ། གསང་ཆེན་ལུང་གི་བསྟན་པའི་ཆར་པ་ཆེན་པོ་ཕབ་པར་མཛད་ནས་ནི། ཐུན་མོང་ཀུན་ཏུ་རིགས་དང་མཐུན་པར་ཡོངས་སུ་གྲགས་པར་འགྱུར་རོ། །ཞེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:སངས་རྒྱས་བཟང་རྒྱན་དཔལ་

|; |@@@ | | }}