91665
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྙིང་མ། མདོ་དགོངས་པ་འདུས་པར་སྒྲོན་མ་ཡོངས་སུ་བཀོད་པའི་བྱུང་ཚུལ་སྐབས་སྒྲོན་མ་བཀོད་པའི་འཇིག་རྟེན་གྱི་ཁམས་ལྔ་བཅུ་ཙམ་བསྟན་པ་ལས། ཞིང་ཁམས་རྣམ་པར་སྤྲོས་པའི་རྒྱན་ཞེས་པའི་ཞིང་དེའི་སྟོན་པ་ཞིག་ཡིན་པར། གཟི་ལྡན་འཆར་ཁའི་འོད་སྣང་ལས། ཡང་ལོངས་སྤྱོད་ཆོས་དང་མཐུན་པས་རྣམ་པར་སྤྲོས་པའི་རྒྱན་ཞེས་བྱ་བའི་ཞིང་ཁམས་ན། སངས་རྒྱས་རྣམ་པར་སྤྲོས་པའི་རྒྱལ་པོ་ཞེས་བྱ་བར་བསྟན་ནས། རྣམ་དག་ཡེ་ཤེས་སྒྱུ་མ་དང༌། །ལོག་རྟོག་མཚན་མའི་སྒྱུ་མ་གཉིས། །དེ་བཞིན་དེ་ཉིད་གཅིག་པས་ན། །གཉིས་སུ་ཤེས་པ་ཉིད་ཚོགས་རྫོགས། །ཞེས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་བསྟན་ཏོ། །ཞེས་གསུངས། |
| Domain | ཆོས་ལུགས། |