91666
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་ཀླུའི་རྒྱལ་པོས་ཞུས་པའི་མདོ་ལས་བྱུང་བ་སྟེ། སངས་རྒྱས་རྗེས་སུ་དྲན་པ་ཡིད་ལ་བྱེད་པ། དེ་བཞིན་གཤེགས་པ་ལ་བསྙེན་བཀུར་དང༌། མཆོད་པ་བྱེད་པ། དེ་བཞིན་གཤེགས་པ་ལ་བསྔགས་པ་རྒྱུན་དུ་བརྗོད་པ། དེ་བཞིན་གཤེགས་པའི་སྐུ་གཟུགས་བྱེད་དུ་འཇུག་པ། དེ་བཞིན་གཤེགས་པ་ལྟ་བ་ལ་སེམས་ཅན་རྣམས་ཡང་དག་པར་འཛུད་པ། སངས་རྒྱས་ཀྱི་ཞིང་གང་ན་དེ་བཞིན་གཤེགས་པ་བཞུགས་པ་ཐོས་པ་དེར་སྐྱེ་བར་སྨོན་ལམ་འདེབས་པ། རྒྱུད་ཞུམ་པ་མེད་ཅིང་རྒྱ་ཆེན་པོ་ལ་མོས་པ། སངས་རྒྱས་ཀྱི་ཡེ་ཤེས་འདོད་པའོ། ། |
| Domain | ཆོས་ལུགས། |