91667

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སངས་རྒྱས་མཐོང་བར་བྱ་བ་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་སྟེ། འདི་ལྟར་མངོན་པར་རྫོགས་པར་བྱང་ཆུབ་པའི་སངས་རྒྱས་འཇིག་རྟེན་ན་བཞུགས་པ་མངོན་པར་ཆགས་པ་མེད་པར་མཐོང་བར་བྱ་བ། སྨོན་ལམ་གྱི་སངས་རྒྱས་མངོན་པར་སྒྲུབ་པ། ལས་རྣམ་པར་སྨིན་པའི་སངས་རྒྱས་ལ་ཡིད་ཆེས་པར་བྱ་བ། བྱིན་གྱི་རླབས་ཀྱི་སངས་རྒྱས་ཀྱི་རྗེས་སུ་འབྲང་བར་བྱ་བ། མྱ་ངན་ལས་འདས་པའི་སངས་རྒྱས་ཁོང་དུ་ཆུད་པར་བྱ་བ། ཆོས་ཀྱི་དབྱིངས་ཀྱི་སངས་རྒྱས་ལ་ཐམས་ཅད་དུ་གཞོལ་བར་བྱ་བ། སེམས་ཀྱི་སངས་རྒྱས་གནས་པར་བྱ་བ། ཏིང་ངེ་འཛིན་གྱི་སངས་རྒྱས་ལ་ཚད་དུ་གནས་པར་མི་བྱ་བ། རང་བཞིན་འོད་གསལ་བའི་སངས་རྒྱས་རབ་ཏུ་རྟོགས་པར་བྱ་བ། བསམ་པ་ཇི་ལྟ་བ་བཞིན་གྱི་སངས་རྒྱས་རྒྱ་ཆེན་པོས་བླངས་བར་བྱ་བའོ། །
Domain ཆོས་ལུགས།