91669

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སངས་རྒྱས་མེ་ཏོག་དབང་པོའི་དབྱངས་ (1)
Part of speech མིང་ཚིག
Definition རྙིང་མ། མདོ་དགོངས་པ་འདུས་པར་སྒྲོན་མ་ཡོངས་སུ་བཀོད་པའི་བྱུང་ཚུལ་སྐབས་སྒྲོན་མ་བཀོད་པའི་འཇིག་རྟེན་གྱི་ཁམས་ལྔ་བཅུ་ཙམ་བསྟན་པ་ལས། ཞིང་ཁམས་མེ་ཏོག་བཀྲམ་པ་ཞེས་པའི་ཞིང་དེའི་སྟོན་པ་ཞིག་ཡིན་པར། གཟི་ལྡན་འཆར་ཁའི་འོད་སྣང་ལས། ཡང་དངོས་སུ་མེ་ཏོག་སྣ་ཚོགས་བཀྲ་བས་མེ་ཏོག་བཀྲམ་པ་ཞེས་བྱ་བའི་ཞིང་ཁམས་ན། སངས་རྒྱས་མེ་ཏོག་དབང་པོའི་དབྱངས་ཞེས་བྱ་བར་བསྟན་ནས། ཇི་བཞིན་ཉིད་ལ་བཞུགས་པས་ན། །འདི་ཞེས་ཚིག་ཏུ་མ་གསུངས་ཀྱང༌། །ཁྱབ་པས་གཅིག་པའི་བྱིན་རླབས་ཀྱིས། །ཇི་ལྟར་འདོད་པ་སོ་སོར་འཇལ། །ཞེས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་བསྟན་ཏོ། །ཞེས་གསུངས།
Domain ཆོས་ལུགས།