91670
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྙིང་མ། མདོ་དགོངས་པ་འདུས་པར་སྒྲོན་མ་ཡོངས་སུ་བཀོད་པའི་བྱུང་ཚུལ་སྐབས་སྒྲོན་མ་བཀོད་པའི་འཇིག་རྟེན་གྱི་ཁམས་ལྔ་བཅུ་ཙམ་བསྟན་པ་ལས། ཞིང་ཁམས་མེ་ཏོག་མཛེས་པའི་རྒྱན་ཞེས་པའི་ཞིང་དེའི་སྟོན་པ་ཞིག་ཡིན་པར། གཟི་ལྡན་འཆར་ཁའི་འོད་སྣང་ལས། ཡང་དངོས་སུ་གེ་སར་མེ་ཏ་ཞེས་བྱ་བས་བརྒྱན་པས་མེ་ཏོག་མཛེས་པའི་རྒྱན་ཞེས་བྱ་བའི་ཞིང་ཁམས་ན། སངས་རྒྱས་མེ་ཏོག་བཀོད་པའི་རྒྱལ་པོ་ཞེས་བྱ་བར་བསྟན་ནས། ཇི་བཞིན་པ་ཡི་དེ་བཞིན་ཉིད། །ཐམས་ཅད་འབྱུང་བའི་མ་ཡིན་པས། །ཀུན་བཟང་ཤེས་རབ་ཕ་རོལ་ཕྱིན། །སེམས་ཅན་སངས་རྒྱས་ཀུན་གྱི་གནས། །ཞེས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་བསྟན་ཏོ། །ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |