91673
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྙིང་མ། མདོ་དགོངས་པ་འདུས་པར་སྒྲོན་མ་ཡོངས་སུ་བཀོད་པའི་བྱུང་ཚུལ་སྐབས་སྒྲོན་མ་བཀོད་པའི་འཇིག་རྟེན་གྱི་ཁམས་ལྔ་བཅུ་ཙམ་བསྟན་པ་ལས། རྣམ་པར་སྣང་བའི་འཇིག་རྟེན་གྱི་ཁམས་ཞེས་པའི་ཞིང་དེའི་སྟོན་པ་ཞིག་ཡིན་པར། གཟི་ལྡན་འཆར་ཁའི་འོད་སྣང་ལས། དེ་བཞིན་དུ་རྣམ་པར་སྣང་བ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ན། སངས་རྒྱས་མྱུར་དུ་འཛིན་པ་ཞེས་བྱ་བར་བསྟན་ནས། དེ་བཞིན་ཉིད་ཀྱི་དབྱིངས་འདི་ལ། །འཁོར་དང་མྱ་ངན་འདས་དང་རྟག ། ཡེ་ནས་རྣམ་པར་དག་པས་ན། །རང་སྣང་ལྷུན་གྲུབ་ཚོགས་ཆེན་རྫོགས། །ཞེས་ཇི་ལྟ་བ་དེ་བཞིན་དུ་ཆོས་བསྟན་ཏོ། །ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |