91675
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་སྤྲིན་ཆེན་པོ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། རིན་པོ་ཆེའི་འབྱུང་གནས་ཀྱིས་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ། རིན་པོ་ཆེའི་འབྱུང་གནས་ཀྱི་ནོར་གྱི་ཆར་འབེབས་པ་ཞེས་བྱ་བའི་ཆོས་ཀྱི་སྒོ། རིན་པོ་ཆེའི་འབྱུང་གནས་ཀྱི་བསོད་ནམས་ཀྱི་མཛོད་ཅེས་བྱ་བའི་ཆོས་ཀྱི་སྒོ། རིན་པོ་ཆེའི་འབྱུང་གནས་ཀྱི་ཡང་དག་པའི་སྙིང་པོའི་བློ་གྲོས་ཞེས་བྱ་བའི་ཆོས་ཀྱི་སྒོ། རིན་པོ་ཆེའི་འབྱུང་གནས་ཀྱི་ལུས་ཞེས་བྱ་བའི་ཆོས་ཀྱི་སྒོ། རིན་པོ་ཆེའི་འབྱུང་གནས་ཀྱི་འོད་འཕྲོ་བཟང་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ། རིན་པོ་ཆེའི་འབྱུང་གནས་ཀྱི་སྒྲོན་མའི་འོད་འཕྲོ་ཞེས་བྱ་བའི་ཆོས་ཀྱི་སྒོ། རིན་པོ་ཆེའི་འབྱུང་གནས་ཀྱི་གློག་གི་འོད་ཀྱི་བློ་གྲོས་མི་ཟད་པའི་ཅོད་པན་གྱི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ། རིན་པོ་ཆེའི་འབྱུང་གནས་ལ་གནས་པའི་གཙང་སྦྲ་ཞེས་བྱ་བའི་ཆོས་ཀྱི་སྒོ། རིན་པོ་ཆེའི་ཐམས་ཅད་ཀྱི་ཞིང་གི་འབྲས་བུའི་རོའི་ཕུང་པོ་ཞེས་བྱ་བའི་ཆོས་ཀྱི་སྒོའོ། ། |
| Domain | ཆོས་ལུགས། |