91687
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ་དགོངས་པ་འདུས་པར་སྒྲོན་མ་ཡོངས་སུ་བཀོད་པའི་བྱུང་ཚུལ་སྐབས་སྒྲོན་མ་བཀོད་པའི་འཇིག་རྟེན་གྱི་ཁམས་ལྔ་བཅུ་ཙམ་བསྟན་པ་ལས། ཡིད་མངོན་པར་དགའ་བའི་ཞིང་ཁམས་ཞེས་པའི་ཞིང་དེའི་སྟོན་པ་ཞིག་ཡིན་པར། གཟི་ལྡན་འཆར་ཁའི་འོད་སྣང་ལས། ཡང་ངོ་བོ་ཉིད་ཀྱིས་ཡིད་མངོན་པར་དགའ་བ་ཞེས་བྱ་བའི་ཞིང་ཁམས་ན། སངས་རྒྱས་ཡིད་དུ་འོང་བའི་དབྱངས་ཞེས་བྱ་བར་བསྟན་ནས། འཇིག་རྟེན་འཁོར་བའི་ཁ་བརྒྱུད་པ། །མ་རིག་ངོ་བོ་དེ་བཞིན་པས། །གཞི་རྩ་མེད་པའི་སྐད་ཅིག་མ། །དེ་ཉིད་རིག་ན་བདེ་ཆེན་གནས། །ཞེས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་བསྟན་ཏོ། །ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |