91692

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སངས་རྒྱས་རང་སྣང་གི་བདེན་གཉིས་ (1)
Part of speech མིང་ཚིག
Definition མདོ། དབུ་མ། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །ཞེས་དང། དངོས་ཀུན་ཡང་དག་བརྫུན་མ་མཐོང་བ་ཡིས། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར་ཞེས་པའི་སྐབས་ནས་བསྟན་པའི་ཀུན་རྫོབ་བདེན་པ་ནི་མེད་དེ། ཡུལ་ཅན་མཐོང་བ་བརྫུན་པ་མེད་པས། དེའི་ཡུལ་མེད་པའི་ཕྱིར་རོ། །བདེན་གཉིས་ཟུང་དུ་འཇུག་པའི་ཀུན་རྫོབ་བདེན་པ་ནི་ཡོད་དེ། ཟུང་འཇུག་ལ་ཡལ་གྱལ་དགོས་པའི་ཕྱིར་རོ། །འདི་ནི་སངས་རྒྱས་རང་སྣང་གི་བདེན་པ་གཉིས་ཡིན་པས། གདུལ་བྱ་ལ་བསྟན་པའི་བདེན་པ་གཉིས་དང་དོན་མི་གཅིག་གོ ། ཞེས་ཀུན་མཁྱེན་གོ་རམས་པའི་དབུ་མ་སྤྱི་དོན་ལས་གསུངས་སོ། །
Domain ཆོས་ལུགས།