91710
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ་དགོངས་པ་འདུས་པར་སྒྲོན་མ་ཡོངས་སུ་བཀོད་པའི་བྱུང་ཚུལ་སྐབས་སྒྲོན་མ་བཀོད་པའི་འཇིག་རྟེན་གྱི་ཁམས་ལྔ་བཅུ་ཙམ་བསྟན་པ་ལས། ཞིང་ཁམས་རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་ཞེས་པའི་ཞིང་དེའི་སྟོན་པ་ཞིག་ཡིན་པར། གཟི་ལྡན་འཆར་ཁའི་འོད་སྣང་ལས། ཡང་རྒྱལ་མཚན་གྱི་རྩེ་མོ་དཔུང་རྒྱན་ཞེས་བྱ་བའི་ཞིང་ཁམས་ན། སངས་རྒྱས་རྣམ་པར་རྒྱལ་བ་ཞེས་བྱ་བར་བསྟན་ནས། རྣམ་རྟོག་ཆུ་བོའི་རྐ་མགོ་དེ། །སྟོང་ཉིད་ཞིང་དུ་མ་བསྒྱུར་ན། །འཁོར་བའི་རྒྱ་མཚོར་གཡེངས་འགྱུར་བ། །དེ་མི་ཤེས་ལ་དེ་ལྟར་སྣང༌། །ཞེས་ཡང་དག་པ་ཇི་བཞིན་དུ་ཆོས་བསྟན་ཏོ། །ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |