91712

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སངས་རྒྱས་རྣམས་ཀྱི་གནས་པ་ཁོང་དུ་ཆུད་པར་བྱ་བ་བཅུ་ (1)
Part of speech མིང་ཚིག
Definition འཕགས་པ་ཆོས་ཡང་དག་པར་སྡུད་པའི་མདོ་ལས་བྱུང་བ་སྟེ། ༡ ང་ཡི་བ་མེད་ཅིང་ཡོངས་སུ་འཛིན་པ་མེད་པའི་ཕྱིར་གནོད་སེམས་དང་། ཞེ་སྡང་ཐམས་ཅད་དང་བྲལ་བ། ༢ རྩི་སྨན་ལྟ་བུའི་ཕྱིར་སེམས་ཅན་ཐམས་ཅད་རྟག་ཏུ་ཉེ་བར་འཚོ་བ། ༣ སྔོན་དམ་བཅས་པ་ལས་མ་ཉམས་པའི་ཕྱིར་བདེན་པ་ཡོངས་སུ་སྐྱོང་བ། ༤ སྙིང་རྗེ་ཆེན་པོ་ཡོངས་སུ་སྦྱངས་པའི་ཕྱིར་སེམས་ཅན་ལ་ལྟ་བ། ༥ སེམས་གྱི་དོན་འབའ་ཞིག་ལ་བརྩོན་པའི་ཕྱིར་དེ་འབའ་ཞིག་གིས་བསམ་པ། ༦ གཞན་གྱི་སྡུག་བསྔལ་གྱིས་གནོད་པའི་ཕྱིར་བདག་གི་བདེ་བ་ལ་མི་ལྟ་བ། ༧ འཁོར་བ་དང་། མྱ་ངན་ལས་འདས་པ་རོ་གཅིག་པའི་ཕྱིར་མྱ་ངན་ལས་འདས་པར་རྣམ་པར་རྟོག་པ་དང་བྲལ་བ། ༨ ལྷུན་གྱིས་གྲུབ་པས་བྱ་བ་བྱེད་པ་བསལ་བའི་ཕྱིར་ཡོངས་སུ་མི་སྐྱོ་བའི་མཚན་ཉིད། ༩ ཤའི་ལུས་མེད་པའི་ཕྱིར་ཚོལ་བ་ཐམས་ཅད་དང་བྲལ་བ། ༡༠ ཐམས་ཅད་དུ་མྱ་ངན་ལས་འདས་པ་ཀུན་ཏུ་སྟོན་པའི་ཕྱིར་ཐོགས་པ་མེད་པའི་མཚན་ཉིད་དོ། །
Domain ཆོས་ལུགས།