91719
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་ཆོས་ཡང་དག་པར་སྡུད་པའི་མདོ་ལས་བྱུང་བ་སྟེ། ༡ ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ཐམས་ཅད་སྤང་བའི་མཐར་འགྲོ་བ་དང་། གང་ཟག་དང་། ཆོས་དང་། ཡུལ་ལ་བདག་མེད་པར་ཁོང་དུ་ཆུད་པ། ༢ སྐྱེ་བ་དང་། ཆོས་ཀྱི་གནས་གྱུར་པ་རྙེད་པ། ༣ སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་མཛད་པ་བྱེད་པ་ལྷུན་གྱིས་གྲུབ་པ་རྒྱུན་མ་བཅད་པའི་ཡེ་ཤེས་ཐོབ་པ་དང། ༤ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་དབྱེར་མེད་པ་ཐོབ་པ། ༥ འཁོར་བ་དང་མྱ་ངན་ལས་འདས་པ་རྣམ་པ་གཉིས་སུ་བསམ་པ་དང་བྲལ་བ། ༦ ཆོས་ཐམས་ཅད་ཀྱི་རྩ་བ་ཡོངས་སུ་དག་པ། ༧ ཆོས་ཐམས་ཅད་སྐྱེ་བ་མེད་ཅིང་འགག་པ་མེད་པ་དེའི་དངོས་པོ་བསྒོམས་པ་དང་། ༨ དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཡང་དག་པའི་མཐའ་མཉམ་པའི་ཡེ་ཤེས་ཐོབ་པ། ༩ ཆོས་ཐམས་ཅད་ཀྱི་རང་བཞིན། ༡༠ མྱ་ངན་ལས་འདས་པའི་རང་བཞིན་མཉམ་པའི་ཡེ་ཤེས་ཐོབ་པའོ། ། |
| Domain | ཆོས་ལུགས། |