91727

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སངས་རྒྱས་ལྗོངས་རྒྱུར་གཤེགས་པ་ལ་ཕན་ཡོན་བཅོ་བརྒྱད་ (1)
Part of speech མིང་ཚིག
Definition འདུལ་བ་རྣམ་པར་འབྱེད་པ་ལས་བྱུང་བ་སྟེ། ༡ རྒྱལ་པོའི་འཇིགས་པ་མེད་པ། ༢ ཆོམ་རྐུན་གྱི་འཇིགས་པ་མེད་པ། ༣ མེའི་འཇིགས་པ་མེད་པ། ༤ མིའི་འཇིགས་པ་མེད་པ། ༥ མི་མ་ཡིན་པའི་འཇིགས་པ་མེད་པ། ༦ ཀླུའི་འཇིགས་པ་མེད་པ། ༧ གདུག་པའི་འཇིགས་པ་མེད་པ། ༨ སེང་གེའི་འཇིགས་པ་མེད་པ། ༩ སྟག་གི་འཇིགས་པ་མེད་པ། ༡༠ གུང་གི་འཇིགས་པ་མེད་པ། ༡༡ ཕ་རོལ་གྱི་དམག་ཚོགས་ཀྱི་འཇིགས་པ་མེད་པ། ༡༢ སྤྱང་ཀིའི་འཇིགས་པ་མེད་པ། ༡༣ ཤོ་གམ་གྱི་འཇིགས་པ་མེད་པ། ༡༤ ལ་གཅན་གྱི་འཇིགས་པ་མེད་པ། ༡༥ གྲུ་བཙས་ཀྱི་འཇིགས་པ་མེད་པ། ༡༦ དུས་དང་དུས་སུ་ལྷའི་གཟུགས་དག་མཐོང་ཞིང་ལྷའི་སྒྲ་དག་ཐོས་ལ་ཀུན་ཤེས་པ་བརྡ་སྤྲོད་པ་དག་ཐོས་པ། ༡༧ ཆོས་ཀྱི་ལོངས་སྤྱོད་དང༌། ཟང་ཟིང་གི་ལོངས་སྤྱོད་ཡོད་པ། ༡༨ སངས་རྒྱས་རྒྱུ་བ་ལ་གནོད་པ་ཉུང་བ་ཡིན་པ་བཅས་སོ། །
Domain ཆོས་ལུགས།