91737
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན། དུས་ཁྱད་པར་ཅན། སྒྲོན་མེའི་བསྐལ་པ་ལ་འགྲོ་བ་འདྲེན་པའི་སངས་རྒྱས་སྟོང་དང་རྩ་གཉིས་བྱོན་པ་སྟེ། དེའི་གྲངས་ནི། (བསྒྲགས་པ་གླིང་གྲགས)་ལས། དེ་ལྟར་བསྐལ་པ་བཟང་པོ་འདི་ལ། ལྷའི་རྒྱལ་པོ་སྟོབས་ལྡན་ཞེས་བྱ་བ་དང་། བཙུན་མོ་ནམ་མཁའ་ཡིད་ཀྱི་མེ་ཏོག་ཞེས་བྱ་བ་གཉིས་ལ། ཆགས་པ་མེད་པའི་ཐུགས་རྗེ་ཐབས་ཀྱིས་རོལ་པ་ལས། སྲས་མཆེད་དགུ་བརྒྱ་དགུ་བཅུ་རྩ་བརྒྱད་བལྟམས། ཡབ་ཡུམ་གཉིས་ཏེ་སྟོང་ཡོད། འཁོར་ཞུ་བ་པོ་དང་སྡུད་པ་པོ་གཉིས་ཏེ། སངས་རྒྱས་སྟོང་དང་རྩ་གཉིས་འབྱུང་བའོ། །ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |