91740
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། སྙིང་པོ་ཞེས་པའི་བསྐལ་པ་ལ་སངས་རྒྱས་གཅིག་ཉིད་འབྱུང་བར་འགྱུར་རོ། །སྙིང་པོ་མཆོག་ཅེས་པའི་བསྐལ་པ་ལ་སངས་རྒྱས་གཉིས་ཉིད་འབྱུང་བར་འགྱུར་རོ། །མཆོག་རབ་ཅེས་པའི་བསྐལ་པ་ལ་སངས་རྒྱས་གསུམ་ཉིད་འབྱུང་བར་འགྱུར་རོ། །སྙིང་པོའི་སྙིང་པོ་ཞེས་པའི་བསྐལ་པ་ལ་སངས་རྒྱས་བཞི་ཉིད་འབྱུང་བར་འགྱུར་རོ། །བསྐལ་པ་བཟང་པོ་ལ་སངས་རྒྱས་ལྔ་ཉིད་འབྱུང་བར་འགྱུར་རོ། །སངས་རྒྱས་དྲུག་ལ་སོགས་པའི་བསྐལ་པ་རྣམ་པ་ཐམས་ཅད་དུ་འབྱུང་བར་མི་འགྱུར་རོ། ། |
| Domain | ཆོས་ལུགས། |