91741
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྙིང་མ། མདོ་དགོངས་པ་འདུས་པར་སྒྲོན་མ་ཡོངས་སུ་བཀོད་པའི་བྱུང་ཚུལ་སྐབས་སྒྲོན་མ་བཀོད་པའི་འཇིག་རྟེན་གྱི་ཁམས་ལྔ་བཅུ་ཙམ་བསྟན་པ་ལས། ཞིང་ཁམས་རྣམ་པར་འཕྲུལ་པ་ཞེས་པའི་ཞིང་དེའི་སྟོན་པ་ཞིག་སྟེ། གཟི་ལྡན་འཆར་ཁའི་འོད་སྣང་ལས། ཡང་ཆོ་འཕྲུལ་གྱིས་རྣམ་པར་འཕྲུལ་པ་ཞེས་བྱ་བའི་ཞིང་ཁམས་ན། སངས་རྒྱས་སྤྲུལ་པའི་རྒྱལ་པོ་ཞེས་བྱ་བར་བསྟན་ནས། ཡི་གེ་ཕྱག་རྒྱ་ཡེ་ཤེས་ཀྱང༌། །ཚིག་ལམ་འབྱུང་བའི་གཞི་ཡིན་ཏེ། །དེ་ཉིད་དག་པས་ཐམས་ཅད་དག ། གསུང་ལ་གསུང་ཉིད་མི་གནས་པའོ། །ཞེས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་བསྟན་ཏོ། །ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |