91743
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྙིང་མ། མདོ་དགོངས་པ་འདུས་པར་སྒྲོན་མ་ཡོངས་སུ་བཀོད་པའི་བྱུང་ཚུལ་སྐབས་སྒྲོན་མ་བཀོད་པའི་འཇིག་རྟེན་གྱི་ཁམས་ལྔ་བཅུ་ཙམ་བསྟན་པ་ལས། ཞིང་ཁམས་སྨན་གྱིས་བརྒྱན་པ་ཞེས་པའི་ཞིང་དེའི་སྟོན་པ་ཞིག་སྟེ། གཟི་ལྡན་འཆར་ཁའི་འོད་སྣང་ལས། ཡང་ཉོན་མོངས་པས་གདུང་བ་ཐབས་ཀྱིས་ཞི་བས་སྨན་གྱིས་བརྒྱན་པ་ཞེས་བྱ་བའི་ཞིང་ཁམས་ན། སངས་རྒྱས་སྨན་གྱི་རྒྱལ་པོ་ཞེས་བྱ་བར་བསྟན་ནས། དཔག་མེད་འཇིག་རྟེན་རྡུལ་རྙེད་ན། །འགྲོ་བ་རྡུལ་ཕྲན་བསམ་ཡས་ལ། །ཁྱད་པར་དེ་བཞིན་ཉིད་སྣང་བས། །ཏིལ་འབྲུ་མར་གྱིས་ཁྱབ་ལྟར་གནས། །ཞེས་ཡང་དག་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་བསྟན་ཏོ། །ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |