From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སད་ (1)
| Part of speech
|
བྱ་ཚིག
|
| Definition
|
གཉིད་སད་པ་དང་གོ་རྟོགས་ཇེ་མཐོར་སོང་བ་དང་ཚོད་བགམ་བྱས་པ་བཅས་ཀྱི་དོན།
|
| Keyword
|
True
|
| Example
|
ཞོགས་པ་གཉིད་སད། གོ་རྟོགས་སད་ནས་ལས་ལ་ཞུགས། རྒྱུས་མེད་ཀྱི་མགྲོན་པོར་ཉམས་སད་ལྟ་བུ།
|
| Transitive
|
བྱ་བྱེད་ཐ་མི་དད་པ།
|
| Verb Form
|
གཟུགས་མི་འགྱུར་བ།
|
སད་ (1)
| Part of speech
|
མིང་ཚིག
|
| Definition
|
སད་ཟེར་བ་དབྱར་སྟོན་གཉིས་ཀྱི་མཚམས་སུ་མཚན་མོ་ནམ་མཁའ་ནས་སྤྲིན་རྩ་བ་ནས་མེད་པར་ཆགས་ཏེ་ནམ་མཁའ་གཡའ་དག་པའི་རྐྱེན་གྱིས་མཚན་མོ་གྲང་ལྷགས་རྒྱས་ཏེ་ལོ་ཏོག་གི་སྟེང་ལ་བ་མོ་ཆགས་ཏེ། འབྲུ་རིགས་སྙིང་པོ་སྐམ་འགྲོ་ཞིང་། འབྲུ་ལ་འབབ་སྒོ་མེད་པ་དང་བཅུད་དང་འབྲོ་བ་མེད་པར་འགྱུར་འགྲོ་བ་ཞིག
|
| Example
|
མེ་ཏོག་སད་ཀྱིས་ཁྱེར་ལྟ་བུ།
|
སད་ (2)
| Part of speech
|
མིང་ཚིག
|
| Definition
|
ཞང་སྐད། བླ།
|
སད་ (3)
| Part of speech
|
མིང་ཚིག
|
| Definition
|
ལྷ།
|