91793

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སད་ལུགས་ཀྱི་གདམས་ངག་དགུ་ (1)
Part of speech མིང་ཚིག
Definition སྔགས། རྫོགས་ཆེན། རྙིང་མ། སད་ལུགས་ཀྱི་གདམས་ངག་དགུ་ནི། ཉི་ཟླ་འབར་བའི་སྒྲོན་མ་ལས། ཤིན་ཏུ་སད་པ་སད་པའི་བདག ། ཅེས་པ། སད་པ་ལ་སད་ལུགས་ཀྱི་གདམས་ངག་དགུ་སྟེ། སྔོན་གྱི་ལས་སད་པ་དང་། སྦྱངས་པའི་འཕྲོ་སད་པ་དང་། རྐྱེན་གྱི་མཐུས་སད་པ་དང་། སྨོན་ལམ་གྱི་སྟོབས་སད་པ་དང་། མ་རིག་པའི་གཉིད་སད་པ་དང་། སྙམ་བྱེད་ཀྱི་བག་ཆགས་སད་པ་དང་། སྒྲིབ་གཡོགས་ཀྱི་མུན་པ་སད་པ་དང་། ཤེས་རབ་ཀྱི་རྒྱུས་ལས་སད་པ་དང་། རྟོགས་པ་ཀློང་ནས་སད་པ་དང་དགུ་སྟེ། དེ་དག་གི་བདག་ནི་སྐྱེ་མེད་ཀ་དག་རྟོགས་པའི་བདག་ཉིད་དོ། །དེས་མ་རིག་བག་ཆགས་སྒྲིབ་གཡོགས་ཐམས་ཅད་དུས་གཅིག་ཏུ་སད་ཅིང་སངས་པས་ན་སད་པའི་བདག་གོ ། ཞེས་གསུངས།
Domain ཆོས་ལུགས།